ས་གནས་མདོ་ཁམས་ཆུ་བཞི་སྒང་དྲུག་བཙུགས་ནས་མི་ལོ་ཧྲིལ་པོ་༤༠འཁོར་བའི་དུས་དྲན།

དེ་ཡང་སྤྱི་ལོ་༢༠༡༩ ཟླ་ ཚེས་ ༢༡ ཉིན་སུད་ཡུ་རོབ་སུད་སི་ས་གནས་མདོ་ཁམས་ཆུ་བཞི་སྒང་དྲུག་བཙུགས་ནས་མི་ལོ་ཧྲིལ་པོ་ ༤༠ འོར་བའི་དུས་དྲན་སྲུང་བརྩི་ཟབ་རྒྱས་ཞུས་སོང་། ཐེངས་འདིའི་སྐུ་མགྲོན་གཙོ་བོ་དབུས་མདོ་ཁམས་ཆུ་བཞི་སྒང་དྲུག་གི་སྤྱི་ཁྱབ་ཚོགས་གཙོ་གླིང་ཚང་ཚེ་རྡོར་མཆོག དམིགས་བསལ་སྐུ་མགྲོན་སློབ་དཔོན་ཆེན་མོ། ཁེ་རོ་ལེ་མཆོག་ (Prof.Carole McGranahan )དང ༧གོང་ས་མཆོག་གི་སྐུ་ཚབ་ཟུར་པ་སྐུ་ངོ་སྐལ་བཟང་རྒྱལམཚན། ས་གནས་རྫོང་དཔོན་གསར་པ། HerrCornelAerne མཆོག རི་ཀོན་ཆོས་འཁོར་དགོན་པའི་མཁན་རིན་པོ་ཆེ་དགེ་བཤེས་ཐུབ་བསྟན་ལེགས་སྨོན་མཆོག་གཙོས་པའི་་དགེ་འདུན་པ་རྣམ་པ། དེ་བཞིན་ཕ་རན་སི་དང་བྷེལ་ཇམ་ས་གནས་མདོ་ཁམས་ཆུ་བཞི་སྒང་རྒྱུན་ལས་ཁག་གཅིག་བཅས་ཁྱོན་མི་གྲངས་དྲུག་བརྒྱ་ཙམ་ལྷན་འཛོམས་ཀྱིས་མཛད་སྒོ་གཟབ་རྒྱས་ངང་འཚོགས་སོང་།

མི་རྗེ་ས་ཡི་ཚངས་པ་དཔལ་ལྡན་སྲིད་སྐྱོང་མཁས་དབང་བློ་བཟང་སེང་གེ་མཆོག་གིས་དབུས་པའི་བཀའ་ཤག་ལྷན་རྒྱས་ལ་མདོ་ཁམས་ཆུ་བཞི་སྒང་དྲུག་ནས་བཀའ་དྲིན་རྗེས་དྲན།

མི་རྗེ་ས་ཡི་ཚངས་པ་དཔལ་ལྡན་སྲིད་སྐྱོང་མཁས་དབང་བློ་བཟང་སེང་གེ་མཆོག་གིས་དབུས་པའི་བཀའ་ཤག་ལྷན་རྒྱས་ལ་མདོ་ཁམས་ཆུ་བཞི་སྒང་དྲུག་ནས་བཀའ་དྲིན་རྗེས་དྲན་གྱི་གཟེངས་བསྟོད་ཕུལ་བའི་མཛད་སྒོ་སྟབས་བདེ་ཞིག་འཚོགས་གནང་ཡོད། སྐབས་དེར་ནད་ཡམས་དབང་གིས་ཆུ་སྒང་ཚོགས་གཙོ་དང་དྲུང་ཆེ་སོགས་བཅར་ཐབས་མ་བྱུང་ནའང་། རྡ་སའི་ཁུལ་དུ་བཞུགས་པའི་ཆུ་སྒང་དྲུང་གཞོན་མ་སངས་རིན་ཆེན་དར་རྒྱས་ལགས་དང་། དབུས་དབུས་ཡན་ལག་འགན་འཛིན་ཕུར་བུ་ཚེ་རིང་ལགས། མཐུན་སྒྲིལ་འགན་འཛིན་པདྨ་གྲུབ་དབང་ལགས། རྡ་ས་ས་གནས་ཆུ་སྒང་ཚོགས་གཙོ་ཚེ་རིང་རྣམ་རྒྱལ་ལགས་བཅས་བཅར་གནང་སྟེ། དཔལ་ལྡན་སྲིད་སྐྱོང་མཆོག་དབུས་པའི་བཀའ་ཡི་བློན་ཆེན་རྣམས་ལ་བཀའ་དྲིན་རྗེས་དྲན་གྱི་གཟེངས་བསྟོད་ཕུལ་བ།

མདོ་ཁམས་ཆུ་བཞི་སྒང་དྲུག་བསྟན་སྲུང་དཱང་བླངས་དམག་གི་སྒྲིག་འཛུགས་དབུ་བརྙེས་ནས་ལོ་ངོ་ ༦༡ དང་ཡུ་རོབ་སུད་སི་ས་གནས་ཆུ་སྒང་དབུ་བརྙེས་ནས་མི་ལོ་ཧྲིལ་བོ་ ༤༠ འཁོར་བའི་དུས་དྲན།

༄༅།། མདོ་ཁམས་ཆུ་བཞི་སྒང་དྲུག་བསྟན་སྲུང་དཱང་བླངས་དམག་གི་སྒྲིག་འཛུགས་དབུ་བརྙེས་ནས་ལོ་ངོ་ ༦༡ དང་ཡུ་རོབ་སུད་སི་ས་གནས་ཆུ་སྒང་དབུ་བརྙེས་ནས་མི་ལོ་ཧྲིལ་བོ་ ༤༠ འཁོར་བའི་དུས་དྲན་མཛད་སྒོ་དང་བསང་གསོལ་ཟབ་རྒྱས་འཚོགས་གནང་ཡོད་པ་རེད།མདོ་ཁམས་ཆུ་བཞི་སྒང་དྲུག་བསྟན་སྲུང་དང་བླངས་དམག་གི་སྒྲིག་འཛུགས་འདི་ཉིད་ཕྱི་ལོ་ ༡༩༥༨ ཟླ་བ་ ༦ ཚེས་ ༡༦ ཉིན་ཛ་སག་དམག་སྤྱི་ཨ་འབྲུག་མགོན་པོ་བཀྲ་ཤིས་མཆོག་གིས་དབུ་ཁྲིད་དེ་བོད་ཀྱི་རྒྱལ་ས་ལྷ་སའི་ལྷོ་ཁུལ་ལྕགས་ཚ་གྲི་གུ་ཐང་དུ་བཙན་རྒོལ་རྒྱལ་སྐྱོབས་ཆེད་དབུ་བརྙེས་ཡོད་ལ།

སུད་སི་ས་གནས་ནས་ཆུ་སྒང་དབུ་བརྙེས་ནས་ལོ་༦༠ འཁོར་བའི་དུས་དྲན་སྲུང་བརྩི་ཞུས་ཡོད།

ཕྱི་ལོ་ ༢༠༡༨ ཟླ་ ༡༠ ཚེས་ ༡༣ ཉིན་ཡུ་རོབ་སུད་སི་ས་གནས་མདོ་ཁམས་ཆུ་བཞི་སྒང་དྲུག་ས་གནས་རྒྱུན་ལས་ཀྱི་གོ་སྒྲིག་འོག་མདོ་ཁམས་ཆུ་བཞི་སྒང་དྲུག་བསྟན་སྲུང་དང་བླངས་དམག་གི་སྒྲིག་འཛུགས་དབུ་བརྙེས་ནས་མི་ལོ་ཧྲིལ་པོ་ ༦༠ འཁོར་བའི་དུས་ཆེན་དང་ཡུ་རོབ་སུད་སི་ས་གནས་ཆུ་སྒང་ཚོགས་པ་དབུ་བརྙེས་ནས་ལོ་ངོ་ ༣༩ འཁོར་བའི་དུས་ཆེན། ལྷག་པར་དུ་སྤྱི་ནོར་ ༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་ལ་ཨ་རིའི་གསེར་གྱི་གཟེངས་རྟགས་འབུལ་བཞེས་གནང་ནས་མི་ལོ་ ༡༡ འཁོར་བའི་དུས་ཆེན་སུམ་འཛོམས་ཀྱི་མཛད་སྒོ་སྲུང་བརྩི་ཟབ་རྒྱས་ཞུས་གནང་ཡོད་པ་དང་།